ཞའོ་སྨི་ཐོ་ཨང་བེད་སྤྱོད་ཀྱི་གྲོས་མཐུན།

ཁྱེད་ཀྱིས་ཞའོ་སྨི་ཐོ་ཨང་ཐོ་འགོད་དང་བེད་སྤྱོད་གནང་བར་དགའ་བསུ་ཞུ།

《ཞའོ་སྨི་ཐོ་ཨང་བེད་སྤྱོད་ཀྱི་གྲོས་མཐུན།》(གཤམ་དུ་“གྲོས་མཐུན་འདི།”ཞེས་འབོད་རྒྱུ།)ནི་ཁྱེད་དང་ཞའོ་སྨི་ཚན་རྩལ་འགན་ཁྲི་ཚད་ཡོད་ཀུང་སི་དང་འབྲེལ་ཡོད་ཀུང་སི་(གཤམ་དུ་“ཞའོ་སྨི་”འམ་“ང་ཚོ་”ཞེས་འབོད་རྒྱུ།)ཡིས་ཞའོ་སྨི་ཐོ་ཨང་ཐོ་འགོད་དང་བེད་སྤྱོད་ལ་ཆེད་དམིགས་ཀྱིས་བཞག་པའི་གྲོས་མཐུན་ཞིག་ཡིན།

ཁྱེད་ཀྱིས་ཞའོ་སྨི་ཐོ་ཨང་ཐོ་འགོད་དང་བེད་སྤྱོད་ཞབས་ཞུ་(གཤམ་དུ་“ཞབས་ཞུ་འདི།”ཞེས་འབོད་རྒྱུ།)མ་སྤྱད་གོང་། ང་ཚོས་འདིར་ཁྱེད་ལ་དམིགས་བསལ་དྲན་སྐུལ་ཞུ་རྒྱུ་ཞིག་ལ། ཁྱེད་ནས་གྲོས་མཐུན་འདིའི་དོན་ཚན་ཁག་ལ་ཞིབ་པར་ཀློག་ནས་རྒྱུས་ལོན་ཁ་གསལ་གནང་དགོས། ལྷག་དོན་དུ་ཞབས་ཞུའི་རིན་པ་དང་། ཞའོ་སྨི་ཡི་འགན་ཁྲི་རྩིས་མེད་དང་ཚད་བཀག་བཟོ་རྒྱུ་བཅས་དང་འབྲེལ་བའི་དོན་ཚན་ཁག་དང་། ཁྱེད་ཀྱི་དབང་ཚད་ལ་ཚད་བཀག་དང་། རྩོད་གཞི་དང་གོ་ཆོད་བཅའ་ཁྲིམས་སོགས་ཀྱི་དོན་ཚན་དག་ལ་ཡི་གེ་ཇེ་ནག་ཏུ་བཏང་ནས་ཁྱེད་ཀྱི་དོ་སྣང་ཡོང་བདེ་བྱ་རྒྱུ།

ཁྱེད་ཀྱིས་དྲ་རྒྱའི་ཤོག་ངོས་སུ་མོས་མཐུན་དང་ཡང་ན་ཐོ་འགོད་ཅེས་པ་མནན་ཏེ་ཞའོ་སྨི་ཐོ་ཨང་སྤྱད་ཚེ། ཁྱེད་ཀྱིས་གྲོས་མཐུར་འདིར་ཞིབ་པར་བཀླགས་ཏེ་མོས་མཐུན་ཡོད་པར་བརྩི་ལ། གྲོས་མཐུན་འདིའི་དོན་ཚན་ཁག་གི་བཀག་རྒྱར་དང་ལེན་ཡོད་པ་མཚོན། གལ་ཏེ་ཁྱེད་རང་གྲོས་ཆོད་འདིར་ཡིད་འཐད་མེད་ཚེ། ཁྱེད་ལ་ཞབས་ཞུ་འདི་ལས་ཕྱིར་ཐོན་ཆོག་པའི་དབང་ཆ་ཆ་ཚང་ཡོད།

གཅིག མདོར་བསྟན།

1.1 ཞའོ་སྨི་ཐོ་ཨང་། དེ་ནི་ཞའོ་སྨི་ཡིས་གྲོས་མཐུན་འདི་བརྒྱུད་དེ་ཞའོ་སྨིའི་འབྲེལ་ཡོད་ཞབས་ཞུར་ཐོ་འགོད་དང་ཐོ་འཇུག་ཆོག་པའི་དབང་ཚད་སྤྲད་པའི་མཚོན་རྟགས་ཤིག་སྟེ། ཞའོ་སྨིའི་ཞབས་ཞུའི་དཔང་ཡིག་ལྟ་བུ་ཞིག་ཡིན།

1.2 གྲོས་མཐུན་གྱི་ཁྱབ་ཁོངས། གྲོས་མཐུན་འདིའི་ནང་དོན་ཁྲོད་ད་དུང་ཞའོ་སྨི་ཡིས་ཞབས་ཞུ་འདི་དང་འབྲེལ་བའི་གྲོས་མཐུན་དང་ཞབས་ཞུའི་གསལ་བསྒྲགས། ལས་སྒོའི་འཆར་གཞི། དེ་བཞིན་བརྡ་ཁྱབ་དྲན་སྐུལ་སོགས་ཀྱི་ནང་དོན་ཐད་ཁྱབ་བསྒྲགས་ཟམ་མི་ཆད་པར་བྱ་སྲིད།(གཤམ་དུ་“གྲོས་མཐུན་འདི་”ཞེས་འབོད་རྒྱུ།) གོང་གསལ་ནང་དོན་དངོས་སུ་ཁྱབ་བསྒྲགས་བྱས་མ་ཐག གྲོས་མཐུན་འདིའི་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་པས། ཁྱེད་ནས་སྔར་བཞིན་བརྩི་སྲུང་གནང་དགོས། དེ་མིན། ཁྱེད་ཀྱིས་ཞའོ་སྨི་ཡིས་ཁྱེད་ལ་མཁོ་འདོན་བྱས་པའི་ཞབས་ཞུ་ཁེར་མ་གང་རུང་བེད་སྤྱོད་གནང་སྐབས། ཞབས་ཞུ་ཁེར་མ་དག་གི་འབྲེལ་ཡོད་གྲོས་མཐུན་སྒྲིག་སྲོལ་ལ་ཞིབ་མོར་གཟིགས་ཏེ། གྲོས་མཐུན་འདི་དང་གྲོས་མཐུན་ཁེར་མའི་སྒྲིག་སྲོལ་གྱི་གཅུན་སྡོམ་ལ་མོས་མཐུན་གནང་དགོས།

1.3 ཐོ་ཨང་གི་གཞི་རྩའི་བྱེད་ནུས། ཁྱེད་ཀྱིས་ཞའོ་སྨི་ཐོ་ཨང་སྤྱད་དེ་ཞའོ་སྨིས་མཁོ་འདོན་བྱས་པའི་ཐོན་རྫས་དང་ཞབས་ཞུའི་རིགས་དག་སྤྱད་ཆོག ཁྱེད་ཀྱིས་ཞའོ་སྨི་དྲ་རྒྱ་དང་། ཉེར་སྤྱོད་ཚོང་ཁང་། སྤྲིན་ཞབས་ཞུ། བཤེར་ཆས། བརྗོད་དོན་ཚོང་ཁང་། བརྙན་ཟློས། རོལ་དབྱངས། རོལ་རྩེད་ལྟེ་གནས། ཞའོ་ཨའེ། ཞའོ་སྨི་སྡེ་ཁུལ། སྨི་ཅཱ་སོགས་ཐོན་རྫས་སམ་ཞབས་ཞུ་དེ་བཞིན་ཞའོ་སྨི་སྣེ་མོའི་སྒྲིག་ཆས་གང་རུང་དང་འབྲེལ་ཡོད་མཉམ་ལས་མཁན་གྱི་ཞབས་ཞུ་བེད་སྤྱོད་སྐབས། ཁྱེད་ལ་ཐོ་ཨང་ཐོ་འགོད་དང་། ཐོ་ཨང་ཐོ་འཇུག་དང་བདེ་འཇགས། དངོས་མིང་ར་སྤྲོད། ཁྱིམ་མིའི་ཞབས་ཞུ་སོགས་ཀྱི་བྱེད་ནུས་མཁོ་འདོན་བྱེད། ཁྱེད་ཀྱིས་ཞའོ་སྨི་ཐོན་རྫས་སམ་ཞབས་ཞུ་སྤྱོད་སྐབས། བདེ་འཇགས་ལྡན་ལ་སྟབས་བདེ་ཞིང་གཅིག་མཐུན་གྱི་ཐོ་ཨང་ཐོ་འཇུག་བྱེད་པའི་མྱོང་རོལ་མཁོ་འདོན་བྱ་ཆེད། ཞའོ་སྨི་ཐོ་ཨང་གིས་ཁྱེད་ལ་རང་འགུལ་ཐོ་འཇུག་གི་བྱེད་ནུས་ཁ་འབྱེད་རྒྱུ། ཁྱེད་ཀྱིས་ཞའོ་སྨིའི་རྟོག་བཟོའི་ཐོན་རྫས་དང་རིན་འཕར་ཞབས་ཞུ་སྣ་ཚོགས་(དཔེར་ན་རོལ་རྩེད་དང་། བརྗོད་དོན། གློག་རྡུལ་དཔེ་ཆ་སོགས།)ལ་མྱོང་རོལ་བྱེད་དུས། ཁྱེད་ནས་ཞའོ་སྨི་ཐོ་ཨང་བརྒྱུད་དེ་ཞའོ་སྨི་ནས་སྨི་སྒོར་ཉོས་ཆོག

1.4 སྒྲིག་ཆས་འཚོལ་བའི་བྱེད་ནུས། ཁྱེད་ཀྱིས་ཞའོ་སྨིའི་ཐོ་ཨང་གི་གསང་གྲངས་བཀོད་སྒྲིག་བྱས་ཚར་རྗེས། ང་ཚོས་ཁྱེད་ཀྱིས་ཞའོ་སྨིའི་ཐོ་ཨང་ཐོ་འགོད་བྱེད་སྐབས་ཁྱེད་རང་ལ་སྒྲིག་ཆས་འཚོལ་བའི་བྱེད་ནུས་ཁ་ཕྱེ་རྒྱུ་ཡིན། ཁྱེད་རང་གིས་“སྒྲིག་ཆས་འཚོལ་བ”ལ་བརྟེན་ནས་ཁྱེད་རང་གི་སྒྲིག་ཆས་གནས་ཐིག་གཏན་འཁེལ་དང་། ཟྭ་རྒྱག་པའམ་ཡང་ན་ཁྱེད་རང་གི་སྒྲིག་ཆས་ཀྱི་གཞི་གྲངས་བསུབ་ཆོག

1.5 ཞའོ་སྨི་ཡིས་ཁྱེད་ཀྱིས་ཞབས་ཞུ་འདི་སྤྱོད་ཆེད། ཚད་ཡོད་ལ་གཞན་མི་དགག་པ། གཞན་ལ་ནང་བཤུག་མི་ཐུབ་པ། བཤུ་འཁྱེར་མི་ཐུབ་པ། རིན་མེད་སྤྱད་ཆོག་པའི་(གྲོས་མཐུན་འདི་མ་ཡིན་པའི་གསལ་བསྒྲགས་གཞན་ཡོད་པ་ཕུད།)དབང་ཆ་ཞིག་སྤྲད་ཡོད།

གཉིས། ཐོ་ཨང་བེད་སྤྱོད་ཀྱི་ཚད་གཞི།

2.1 ཐོ་ཨང་ཐོ་འགོད།

2.1.1ཁྱེད་ཀྱིས་སྒེར་ཚུགས་ཀྱིས་ཞའོ་སྨི་ཐོ་ཨང་ཐོ་འགོད་དང་བེད་སྤྱོད་མ་གནང་གོང་། ཁྱེད་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཏན་འབེབས་ལྟར་ཁྱེད་ཀྱི་བྱ་སྤྱོད་དང་མཐུན་པའི་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ཡོད་པར་ཁྱེད་ཀྱིས་གཏན་འཁེལ་གནང་དགོས། གལ་ཏེ་ཁྱེད་ལ་གོང་བརྗོད་ནུས་པ་མི་ལྡན་ཚེ། ཁྱེད་དང་ལྟ་སྐུལ་མི་སྣ་གཉིས་པས་ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར་དེས་རྐྱེན་པའི་མཇུག་འབྲས་ཚང་མར་འགན་ལེན་གནང་དགོས། གལ་ཏེ་ཁྱེད་ཀྱི་རང་ལོ་༡༨ལ་མ་སོན་པའི་ནར་མ་སོན་པའི་མི་སྣ་ཡིན་ཞིང་། ང་ཚོའི་ཞབས་ཞུ་བེད་སྤྱད་འདོད་ཚེ་ཁྱེད་ཀྱི་ཕ་མའམ་ལྟ་སྐུལ་མི་སྣའི་མོས་མཐུན་བྱུང་སྟེ། ཁྱེད་ལ་ནར་མ་སོན་པའི་ཐོ་ཨང་གསར་བཟོ་བྱས་རྗེས་ཞབས་ཞུ་འདི་བེད་སྤྱོད་གནང་ཆོག

2.1.2 ཁྱེད་ཀྱིས་ཐོ་འགོད་གནང་སྐབས་ཡར་སྐྱེལ་བྱས་པའི་རྒྱུ་ཆ་ཆ་ཚང་(ཁ་པར་ཨང་གྲངས་དང་སྦྲག་སྒམ་སོགས།)ནི་དངོས་ཡོད་དང་། ཁ་གསལ། ཁྲིམས་མཐུན། ནུས་ལྡན་བཅས་ཡིན་ཐོག་ཁྱེད་སྒེར་གྱི་ཡིན་པའི་འགན་ལེན་གནང་དགོས། གལ་ཏེ་མིན་ཚེ་ཞབས་ཞུ་འདི་སྤྱོད་ཐབས་བྲལ་བའམ་སྤྱོད་སྐབས་བཀག་རྒྱ་ཡོང་ངེས། ཁྱེད་ཀྱིས་ཡར་སྐྱེལ་གནང་བའི་ཆ་འཕྲིན་མི་བདེན་པ་དང་ཁ་མི་གསལ་བ། ཡང་ན་ཆ་མི་ཚང་བ་སོགས་ཀྱིས་རྐྱེན་པའི་འབྲེལ་ཡོད་གྱོང་གུན་དང་འགན་ཁྲི་ཁྱེད་རང་ཉིད་ནས་ཁྱེར་དགོས། ཁྱེད་ཀྱིས་ཐོབ་ཐང་དངོས་ཀྱི་ཆ་འཕྲིན་སྤྱད་དེ་ཐོ་ཨང་ཐོ་འགོད་གནང་དགོས།དེ་བཞིན་ཁྱེད་ཀྱིས་ཡར་སྐྱེལ་གནང་བའི་ཐོ་ཨང་གི་མིང་དང་། མགོ་པར་སོགས་ཐོ་འགོད་ཆ་འཕྲིན་ཁྲོད་ཁྲིམས་འགལ་དང་ལུགས་མཐུན་མ་ཡིན་པའི་ཆ་འཕྲིན་ཡོད་མི་རུང་། གལ་ཏེ་ཞའོ་སྨི་ཡིས་ཞིབ་དཔྱད་སྐབས་གོང་གསལ་གནས་ཚུལ་ཡོད་ཚེ་ཐོ་འགོད་བྱེད་དུ་མི་འཇུག ཁྱེད་ཀྱིས་ཐོ་འགོད་བྱས་རྗེས་གལ་ཏེ་ཆ་འཕྲིན་རྫུན་བཟོ་བྱས་པས་ཐོ་ཨང་ཐོ་འགོད་དང་ཐོ་མིང་ཐོ་འགོད་བྱས་པ། ཡང་ན་ཁྱེད་ཀྱི་མགོ་པར་དང་ངོ་སྤྲོད་རགས་བསྡུས་སོགས་ཀྱི་ཁྲོད་ཁྲིམས་འགལ་ཆ་འཕྲིན་ཡོད་རིགས།ཞའོ་སྨི་ཕྱོགས་རྐྱང་པས་བརྡ་མི་གཏོང་བར་དུས་བཀག་བཟོ་བཅོས་དང་། གནས་སྐབས་སྤྱོད་མཚམས་འཇོག་པ། ཐོ་ཨང་ནུས་མེད་བཟོ་བ་སོགས་ཀྱི་དབང་ཆ་ཡོད།

2.1.3 ཁྱེད་ཀྱིས་ཞའོ་སྨི་ཐོ་ཨང་བེད་སྤྱོད་བརྒྱུད་རིམ་ཁྲོད། ཡར་སྐྱེལ་ཟིན་པའི་ཆ་འཕྲིན་ལ་འགྱུར་ལྡོག་བྱུང་ཚེ། དུས་ཐོག་ཏུ་བཟོ་བཅོས་གནང་འོས། ཁྱེད་ཀྱིས་ཞའོ་སྨི་ཐོ་ཨང་སྒྲིག་འགོད་བརྒྱུད་དེ་ཤོག་ངོས་འཚོལ་བཤེར་དང་། ཁྱེད་ཀྱི་ཆ་འཕྲིན་བཟོ་བཅོས་གནང་ཆོག

2.2 ཐོ་ཨང་བེད་སྤྱོད།

2.2.1 ཞའོ་སྨི་ཐོ་ཨང་ནི་ཁྱེད་ལ་ང་ཚོས་མཁོ་འདོན་བྱས་པའི་ཞབས་ཞུའི་དཔང་ཡིག་ཡིན། ཞའོ་སྨི་ཐོ་ཨང་གི་བདག་དབང་ནི་ཞའོ་སྨི་ལ་ཡོད་པས། ཁྱེད་ཉིད་ཐོག་མའི་ཐོ་འགོད་མཁན་གྱི་ངོས་ནས་ཁྱེད་ཀྱིས་ཐོ་འགོད་ཟིན་པའི་ཐོ་ཨང་ཁོ་ནར་བེད་སྤྱོད་བྱ་དབང་ཡོད།

2.2.2 ཁྱེད་ཀྱིས་ཐོ་ཨང་འོག་གི་བྱ་སྤྱོད་ཚང་མའི་མཇུག་འབྲས་(དོན་ཚན་རྐྱང་པར་མིང་རྟགས་འགོད་པ་དང་། ཆ་འཕྲིན་ཁྱབ་བསྒྲགས། ཐོན་རྫས་དང་ཞབས་ཞུ་ཉོ་སྒྲུབ། ཆ་འཕྲིན་སྤེལ་བ་སོགས་ཚུད་)ལ་འགན་ཁུར་དགོས།

2.2.3 ཁྱེད་ཀྱིས་གྲོས་མཐུན་འདིའི་ཁ་ཆད་ཁྱབ་ཁོངས་ཁྲོད་ཞའོ་སྨི་ཐོ་ཨང་བེད་སྤྱོད་གནང་དགོས་ལ། བསམ་བློ་ངན་པས་ཐོ་ཨང་ཐོ་འགོད་དང་། ཞའོ་སྨིའི་ཡིག་ཐོག་མོས་མཐུན་མེད་པར་ཞའོ་སྨི་ཐོ་ཨང་གཞན་ལ་སྦྱིན་པའམ་གཡར་བ་དང་གླ་བ། རིན་པ་ཡོད་པའམ་མེད་པ་གང་རུང་གིས་ནང་བཤུག་གཏོང་བའམ་ཚོང་བ་སོགས་གནང་མི་རུང་། ཡང་ན་བྱེད་ཐབས་གཞན་གྱི་ཐོག་ནས་ཐོ་ཨང་ཐོག་མར་ཐོ་འགོད་བྱེད་མཁན་མ་ཡིན་པས་ཞའོ་སྨིའི་ཐོ་ཨང་སྤྱོད་པར་ཆོག་མཆན་བཀོད་པ། ཞའོ་སྨི་ལ་གོང་གསལ་བྱ་སྤྱོད་ལ་རང་ཚུགས་དབྱེ་འབྱེད་དང་ཐག་གཅོད་བྱེད་དབང་ཡོད། ཁྱེད་ཀྱིས་དེས་རྐྱེན་པའི་འགན་ཁྲི་གང་རུང་འཁུར་འོས།དུས་མཚུངས་ཞའོ་སྨིས་གོང་གསལ་བྱ་སྤྱོད་ལྡན་པའི་མི་སྣར་ཁྲིམས་ལུགས་འགན་འཁྲི་རྩད་གཅོད་བྱ་རྒྱུའི་དབང་ཆ་ཉར་རྒྱུ་ཡིན།

2.2.4 ཁྱེད་ཀྱི་ཞའོ་སྨི་ཐོ་ཨང་ནི་ཁྱེད་ཀྱི་མི་སྒེར་ཆ་འཕྲིན་དེ་བཞིན་ཚོང་ལས་ཆ་འཕྲིན་དང་འབྲེལ་ཡོད་པས། ཐོ་ཨང་འདི་ཁྱེད་ཁོ་ནས་སྤྱད་ཆོག ཞའོ་སྨི་ཡི་མོས་མཐུན་མེད་པར། ཁྱེད་ཀྱིས་དངོས་བརྒྱུད་གང་རུང་གིས་ཕྱོགས་གསུམ་པར་ཁྱེད་ཀྱི་ཐོ་ཨང་སྤྱད་ཆོག་པའམ་ཁྱེད་ཀྱི་ཐོ་ཨང་འོག་གི་ཆ་འཕྲིན་ཐོབ་ལེན་གྱི་བྱ་སྤྱོད་ནི་ནུས་མེད་ཡིན། དཔེར་ན་ཞའོ་སྨི་སྟེགས་བུ་ཁག་གི་སྒྲིག་སྲོལ་ནང་ཁ་ཆད་བྱས་པའི་ཁ་ཆད་དང་འགལ་བའི་ངོས་འཛིན་གོ་རིམ་དང་། ཁྱེད་ཀྱིས་ཞའོ་སྨི་ཐོ་ཨང་བེད་སྤྱོད་ཀྱིས་ཐོ་ཨང་དང་ཆ་འཕྲིན་བདེ་འཇགས་ལ་གནོད་འཚེ་ཡོད་པར་གཏན་འཁེལ་བྱས་ཚེ། ཞའོ་སྨི་ཡིས་དེ་མཚུངས་ཀྱི་ཞབས་ཞུ་མཁོ་འདོན་མི་བྱེད་པའམ་ཡང་ན་གྲོས་མཐུན་འདི་མཚམས་འཇོག་བྱེད་ཆོག

2.2.5 གལ་ཏེ་ཁྱེད་གོང་གསལ་སྒྲིག་སྲོལ་ལས་འགལ་ཚེ། ཞའོ་སྨིས་ཁྲིམས་ལུགས་ཁྲིམས་སྲོལ་ལྟར་གཤམ་གསལ་བྱ་ཐབས་སྤེལ་རྒྱུའི་དབང་ཆ་ཡོད་དེ།

(1)གལ་ཏེ་ཁྱེད་རང་རྒྱལ་གྱི་ཁྲིམས་ལུགས་ཁྲིམས་སྲོལ་ལས་འགལ་ཚེ། ཞའོ་སྨིའི་དོན་ཚན་ཁག་གམ་ལས་སྒོའི་གཏན་འབེབས་ལྟར། ཞའོ་སྨི་ཡིས་རང་ཚུགས་ཐོག་ཐག་གཅོད་གཏན་འཁེལ་གྱིས་དུས་བཀག་སྒྱུར་བཅོས་དང་། གནས་སྐབས་སྤྱོད་མཚམས་འཇོག་པ། ཁྱེད་ཀྱིས་ཞའོ་སྨི་ཐོ་ཨང་སྤྱོད་མཚམས་འཇོག་པ་སོགས་ཀྱི་བྱ་ཐབས་སྤྱོད་དབང་ཡོད་ལ། དོན་དངོས་གནས་ཚུལ་ལ་གཞིགས་ཏེ་ཁྱེད་ཀྱི་ཐོ་ཨང་བསྐྱར་གསོ་བྱས་ཏེ་མུ་མཐུད་སྤྱོད་ཆོག་མིན་གཏན་འཁེལ་བྱེད།

(2)གལ་ཏེ་ཞའོ་སྨི་ཡིས་ཁྱེད་ཉིད་ཐོག་མའི་ཐོ་ཨང་རེ་ཞུ་མཁན་མིན་པ་ཤེས་ཚེ། ཞའོ་སྨི་ཡིས་བརྡ་ཐོ་མ་བཏང་བར་ཐོ་ཨང་སྤྱོད་དབང་མེད་པ་བཟོ་ཆོག

(3)ཞའོ་སྨི་ཡིས་གྲོས་མཐུན་འདིའམ་འབྲེལ་ཡོད་ཁྲིམས་ལུགས་ཀྱིས་གཏན་འབེབས་ལྟར། དུས་བཀག་བཟོ་བཅོས་དང་། བེད་སྤྱོད་མཚམས་འཇོག སྤྱོད་དབང་ནུས་མེད་བཟོ་བ་བཅས་བྱ་སྲིད་པས། དེ་ལས་བྱུང་བའི་གྱོང་གུན་(བརྡ་འཕྲིན་ཆད་པ་དང་། སྤྱོད་མཁན་གྱི་རྒྱུ་ཆ་དང་སྦྲག་སྒམ་སོགས་འབྲེལ་ཡོད་གཞི་གྲངས་སུབ་པ་སོགས་ཚུད་)དག་ལ་ཁྱེད་རང་ཉིད་ནས་འགན་འཁྲི་འཁུར་དགོས།

2.2.6 གལ་ཏེ་ཁྱེད་ཀྱིས་ཕྱོགས་གསུམ་པའི་ཐོ་ཨང་གིས་ཞའོ་སྨི་ཞབས་ཞུར་ཐོ་འགོད་བྱས་ཚེ། ཕྱོགས་གསུམ་པའི་ཐོ་ཨང་དང་ཞའོ་སྨི་ཐོ་ཨང་གཉིས་སྦྲེལ་མཐུད་བྱེད། ཞའོ་སྨི་ཡིས་ཕྱོགས་གསུམ་པས་མཁོ་འདོན་བྱས་པའི་ཆ་འཕྲིན་ལ་གཞིགས་ཏེ་ཁྱེད་ཀྱི་ཆ་འཕྲིན་བེད་སྤྱོད་བྱེད།(དཔེར་ན་མགོ་པར་ལྟ་བུ།) རྗེས་ནས་ཁྱེད་ཀྱིས་ཞའོ་སྨི་ཐོ་ཨང་འདི་སྤྱད་པའི་བྱ་སྤྱོད་ལ་གྲོས་མཐུན་འདིའི་ཚད་བཀག་ཐེབས།

2.3 ཐོ་ཨང་བདག་ཉར་དང་བདེ་འཇགས།

2.3.1 ཞའོ་སྨི་ཐོ་ཨང་ཁྲོད་ཐོ་ཨང་གི་མིང་དང་གསང་གྲངས་ཚུད་ཡོད། ཐོ་ཨང་དང་གསང་གྲངས་ནི་ཁྱེད་ཀྱིས་སྒྲིག་འགོད་གནང་སྟེ་བདག་ཉར་བྱ་དགོས་པ་ཞིག་ཡིན། ཁྱེད་ཀྱིས་ཐོ་ཨང་གི་མིང་དང་(ཐོ་ཨང་གི་IDདང་ཁ་པར་ཨང་གྲངས། སྦྲག་སྒམ་སོགས་ཚུད།)གསང་གྲངས་སྤྱད་དེ་ཞའོ་སྨི་འབྲེལ་ཡོད་ཞབས་ཞུ་ཐོ་འཇུག་གནང་ཆོག ཞའོ་སྨིས་ཁྱེད་ལ་ཐོ་ཨང་དང་གསང་གྲངས་མཁོ་འདོན་དགོས་རེ་ག་དུས་ཡིན་ཡང་གཏན་ནས་མི་བྱེད།

2.3.2 ཁྱེད་ནས་ཁྱེད་ཀྱི་ཐོ་ཨང་ཆ་འཕྲིན་དང་གསང་གྲངས་ལ་བདག་ཉར་ཡག་པོ་གནང་དགོས། རབ་ཡིན་ན་དུས་ངེས་གཏན་ནང་གསང་གྲངས་བརྗེ་བ་སོགས་གནང་ཐུབ་ན་བཟང་།

2.3.3 གལ་ཏེ་ཁྱེད་ཀྱིས་མིག་སྔར་སྤྱོད་བཞིན་པའི་ཞའོ་སྨི་ཐོ་ཨང་འདི་ཁྱེད་རང་ཉིད་ཀྱིས་ཐོག་མའི་རེ་ཞུ་ཐོ་འགོད་བྱས་པའམ་ཞའོ་སྨི་གཞུང་འབྲེལ་ལ་མ་བརྟེན་པའི་ཐབས་ལམ་གཞན་ལས་ཐོབ་པ་ཞིག་ཡིན་མོད། ཁྱེད་ཀྱིས་མིག་སྔའི་ཐོ་ཨང་འདིའི་གསང་གྲངས་མཁྱེན་གྱི་ཡོད་ཚེ། ཁྱེད་ཀྱིས་ཐོ་ཨང་འདི་སྤྱད་དེ་ཐོ་འཇུག་སོགས་གང་ཡང་གནང་མི་རུང་ལ། དུས་ཐོག་ཏུ་ཞའོ་སྨིའམ་ཐོ་ཨང་འདི་གའི་རེ་ཞུ་མཁན་དང་འབྲེལ་བ་གནང་སྟེ་གནས་ཚུལ་ཤེས་རྟོགས་ཐུབ་པ་གནང་དགོས།

2.3.4 ཁྱེད་སྒེར་གྱིས་རྐྱེན་པས་ཐོ་ཨང་ཆ་འཕྲིན་བརླག་ཚེ། གལ་ཏེ་ཁྱེད་ཀྱིས་ཞའོ་སྨི་ཐོ་ཨང་ཆ་འཕྲིན་ཕྱིར་འཚོལ་རྙེད་དགོས་ཚེ། ཞའོ་སྨི་ཐོ་ཨང་ཕྱིར་འཚོལ་གོ་རིམ་བཞིན་འབྲེལ་ཡོད་ཆ་འཕྲིན་མཁོ་འདོན་གནང་དགོས་ལ་མཁོ་འདོན་བྱས་པའི་ཆ་འཕྲིན་ལ་ཁྲིམས་མཐུན་ནུས་མ་ཡོད་དགོས། གལ་ཏེ་མཁོ་འདོན་བྱས་པའི་ཆ་འཕྲིན་བླང་བྱ་དང་མི་མཐུན་ཚེ། ཞའོ་སྨི་བདེ་འཇགས་ར་སྤྲོད་བྱ་ཐབས་བྲལ་བས། ཞའོ་སྨི་ལ་ཐོ་ཨང་ཕྱིར་འཚོལ་ཞབས་ཞུ་མཁོ་འདོན་མི་བྱེད་པའི་དབང་ཆ་ཡོད།

2.3.5 ཁྱེད་ཀྱིས་རང་འགུལ་ངང་ཕྱིར་གྱར་བའམ་གཞན་གྱིས་གནོད་པའམ་མགོ་སྐོར་སོགས་ཀྱིས་ཁ་པར་སོགས་རིག་ནུས་སྒྲིག་ཆས་བོར་བརླག་སོང་སྟེ་ཞའོ་སྨི་ཐོ་ཨང་དང་འབྲེལ་བའི་གྱོང་གུན་ཕོག་པར་ཞའོ་སྨིས་འགན་འཁྲི་གང་ཡང་མི་འཁུར་ལ། ཁྱེད་ནས་ཁྲིམས་འཛིན་དང་སྲིད་འཛིན་སོགས་ཀྱི་རོགས་སྐྱོར་བརྒྱུད་དེ་གྱོང་གུན་ཁ་གསབ་ཡོང་རེ་བྱོས།

2.4 ཐོ་ཨང་ཚུར་བསྡུ།

ཞའོ་སྨི་ཐོ་ཨང་གི་ཐོན་ཁུངས་གཞན་གྱིས་ངན་སེམས་བཅངས་ཏེ་མི་འཛིན་པའི་ཆེད། གལ་ཏེ་ཁྱེད་ཀྱིས་ཟླ་ངོ་24རིང་ཁྱེད་ཀྱིས་ཞའོ་སྨི་ཐོ་ཨང་བེད་སྤྱོད་མ་གནང་བའམ་ཞའོ་སྨིས་ཁས་ལེན་ཐུབ་པའི་ཐོ་འཇུག་ཐབས་ལམ་གཞན་གྱིས་ཁྱེད་ཀྱི་ཐོ་ཨང་ལ་ཐོ་འཇུག་གནང་མེད་ཚེ། ཞའོ་སྨི་ལ་ཁྱེད་ཀྱིས་སྤྱོད་བཞིན་པའི་ཐོ་ཨང་བེད་སྤྱོད་མཚམས་འཇོག་བྱ་རྒྱུའི་དབང་ཆ་ཡོད། ཁྱེད་ཀྱིས་ཐོ་ཨང་འདི་བརྒྱུད་དེ་ཞའོ་སྨི་འབྲེལ་ཡོད་ཞབས་ཞུར་ཐོ་འཇུག་གམ་བེད་སྤྱོད་གནང་ཐབས་བྲལ། ཞའོ་སྨིས་ཐོ་ཨང་དེ་དང་འབྲེལ་བའི་གཞི་གྲངས་ཆ་ཚང་སུབ་རྒྱུ་དང་ཐོ་ཨང་ཕྱིར་བསྡུ་བྱེད་པའི་དབང་ཆ་ཉར་ཡོད། གལ་ཏེ་ཐོ་ཨང་འདི་དང་འབྲེལ་ཡོད་ཐག་གཅོད་མ་བྱས་པའི་ཉོ་ཚོང་ངམ་དངུལ་ལྷག་ཡོད་ཚེ། ཞའོ་སྨིས་འོས་འཚམས་བྱ་ཐབས་(དཔེར་ན་འཕྲིན་ཐུང་ངམ་སྦྲག་ཡིག་སོགས)བརྒྱུད་དེ་ཁྱེད་ལ་བརྡ་ཐོ་གཏོང་ཞིང་། ནུས་ཤུགས་གང་ཡོད་ཀྱིས་ལུགས་མཐུན་ཁྱབ་ཁོངས་ཁྲོད་ཐག་གཅོད་བྱེད་པས། ཁྱེད་ནས་ཞའོ་སྨིའི་དྲན་སྐུལ་ལྟར་བཀོལ་སྤྱོད་གནང་རོགས།

2.5 ཐོ་ཨང་རྩིས་མེད་བཟོ་བ།

2.5.1 གལ་ཏེ་ཁྱེད་ཀྱིས་ཞའོ་སྨི་ཐོ་ཨང་རྩིས་མེད་བཟོ་དགོས་ཚེ། ཁྱེད་ཀྱིས་【སྒྲིག་འགོད-ཞའོ་སྨི་ཐོ་ཨང་།-རོགས་རམ་ལྟེ་གནས】ཞེས་པའམ་དྲ་ཚིགས་www.account.xiaomi.comལ་འཚམས་འདྲི་བྱས་ཏེ། 【རོགས་རམ་ལྟེ་གནས་】ནས་རྩིས་མེད་རེ་ཞུ་བྱས་ཆོག་ཅིང་། དྲན་སྐུལ་ལྟར་རྩིས་མེད་བཟོ་ཆོག གལ་སྲིད་ཁྱེད་རང་གིས་ནང་མིའི་ཞབས་ཞུའི་ནུས་པ་སྤྱད་དེ་ཁྱེད་རང་གི་ཁྱིམ་ཚང་བསྐྲུན་པ་དང་། ཁྱེད་རང་གིས་སྔོན་ལ་ཁྱིམ་ཚང་མེད་པར་བཟོ་བ་དང་ནང་མིའི་ཞབས་ཞུ་མཚམས་བཞག་ཚེ། གཞི་ནས་མུ་མཐུད་ཐོ་ཨང་རྩིས་མེད་བཟོ་ཆོག་གི་ཡོད།

2.5.2 ཁྱེད་ཀྱི་གཞི་གྲངས་བདེ་འཇགས་ཡོང་བར་འགན་སྲུང་བྱེད་ཆེད། ཐོ་ཨང་རྩིས་མེད་བཟོས་རྗེས། ང་ཚོས་ཁྱེད་ཀྱི་ཐོ་ཨང་འོག་གི་གཞི་གྲངས་དང་དཔྱད་ཡིག་(བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་ལོགས་སུ་བྱས་རིགས་ཕུད)ཐམས་ཅད་ཡུན་རིང་དུ་བསུབ་རྒྱུ་ཡིན། ང་ཚོས་ཁྱེད་ཀྱི་ཐོ་ཨང་འོག་གི་དཔྱད་ཡིག་དང་། ཡིག་ཆ། གཞི་གྲངས་བཅས་གང་ཡང་སོར་འཇོག་མི་བྱེད། ཐོ་ཨང་དེ་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་ཕྱིར་རྙེད་མི་ཐུབ་པ་དང་སླར་གསོ་བྱེད་མི་ཐུབ། འོན་ཀྱང་ཞའོ་སྨི་ཚོང་ཁང་དང་ཚོང་ཟོག་མངགས་ཉོའི་གྲངས་གཞི་དང་། ཞའོ་སྨི་སྤྲིན་ཞབས་ཞུའི་ནུས་པའི་འོག་གི་གྲངས་གཞི་དང་རྒྱུ་ཆ། སྨི་ཅ་ཡི་རིག་ནུས་སྒྲིག་ཆས་ཀྱི་གྲངས་གཞི། ཞའོ་ཨའེ་སྐད་ཆའི་རམ་འདེགས་པའི་གྲངས་གཞི། དེ་བཞིན་ཐོ་ཨང་དང་འབྲེལ་བའི་ཚོགས་མི་དང་། ཁེ་བྱང་། དངུལ་ཚབ་འཛིན་ཤོག་སོགས་དང་དེ་བཞིན་ཞའོ་སྨི་དངུལ་ཁུག་གི་སྤྱི་སྤྱོད་རླངས་འཁོར་གཱ་དང་སྒོ་བཀག་བྱང་བུའི་གྲངས་གཞི་སོགས་ཚུད་ཡོད་ལ་དེས་མི་ཚད།

2.5.3 ཁྱེད་ཀྱིས་ཐོ་ཨང་སུབ་པའི་སྔོན་ལ། ཁྱེད་ཀྱིས་ངེས་པར་དུ་དོན་ཚན་འདི་ཞིབ་མོར་ཀློག་དགོས། ཞའོ་སྨི་དང་ཕྱོགས་གསུམ་པ་གང་རུང་གིས་ཁྱེད་རང་གིས་ཐོ་ཨང་སུབ་མཇུག་འབྲས་དང་གྱོང་གུན་ལ་འགན་འཁྲི་གང་ཡང་འཁུར་མི་དགོས།

གསུམ། ཕྱོགས་གསུམ་པའི་ཞབས་ཞུ།

3.1 དཔེར་ན་ཁྱེད་ཀྱིས་ཞའོ་སྨི་ཐོ་ཨང་སྤྱད་དེ་ང་ཚོའི་འབྲེལ་ལྡན་ཀུང་སིའམ་ཡང་ན་མཉམ་ལས་རོགས་ཟླ་གཞན་པས་རང་ཚུགས་ངང་གཉེར་སྐྱོང་བྱེད་པའི་ཕྱོགས་གསུམ་པའི་མཉེན་ཆས་སམ་ལས་སྟེགས(གཤམ་དུ་བསྡུས་མིང་ལ“ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་བྱེད་མཁན”ཞེས་བརྗོད་རྒྱུ)ཐོག་ཐོ་འགོད་བྱས་པ་དང་འབྲེལ་འབྲེལ་ཡོད་ཐོན་རྫས་སམ་ཞབས་ཞུ་བེད་སྤྱོད་བྱེད་སྐབས་གྲོས་མཐུན་དེར་བརྩི་སྲུང་ཞུ་བ་ཕུད་ད་དུང་གོང་གསལ་གྱི་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་བྱེད་མཁན་སྤྱོད་མཁན་གྱི་གྲོས་མཐུན་དང་གསང་དོན་སྲིད་ཇུས་ལ་བརྩི་སྲུང་ཡང་ཞུ་དགོས།

3.2 ཞའོ་སྨི་ལ་ཕྱོགས་གསུམ་པའི་ཞབས་ཞུའི་མཁོ་འདོན་ཚོང་པས་མཁོ་འདོན་བྱས་པའི་ཐོན་རྫས་སམ་ཞབས་ཞུའི་ནང་དོན་ལ་ཚོད་འཛིན་དང་ཡང་ན་ཞིབ་བཤེར་བྱེད་པའི་འོས་འགན་མེད་པས་ཁྱེད་ཀྱིས་ཕྱོགས་གསུམ་པའི་ཐོན་རྫས་དང་ཞབས་ཞུ་བེད་སྤྱོད་བྱེད་སྐབས་བྱུང་བའི་ཁེ་དབང་ལ་གནོད་འཚེ་བཏང་ཚེ།ཞའོ་སྨི་ཡིས་འགན་འཁྲི་གང་ཡང་འཁུར་དགོས་ཀྱི་མེད། ཞའོ་སྨི་ཡིས་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པའི་ཐོན་རྫས་སམ་ཞབས་ཞུའི་བཀོལ་སྤྱོད་རང་བཞིན་དང་།བློས་འགེལ་ཆོག་པའི་རང་བཞིན།བདེ་འཇགས་རང་བཞིན་བཅས་ལ་འགན་མི་འཁུར་ལ་ཕྱོགས་གསུམ་པས་ཞབས་ཞུ་དེའི་ནང་མཁོ་འདོན་བྱས་པའི་ནང་དོན་དང་།བརྡ་ཁྱབ།ཐོན་རྫས།ཞབས་ཞུའམ་ཆ་འཕྲིན་གཞན་དག་བཅས་གང་རུང་ལ་རྣམ་པ་གང་རུང་གི་ཁས་ལེན་དང་ཁག་ཐེག་མི་བྱ་རྒྱུ།

3.3 ཕྱོགས་གསུམ་པའི་ཞབས་ཞུའི་མཁོ་འདོན་ཚོང་པས་ཁྱེད་རང་ལ་སྤྱོད་མཁན་གྱི་ཆ་འཕྲིན་བསྡུ་ལེན་བྱེད་པའམ་ཡང་ན་ཁྱེད་རང་གི་བྱ་སྤྱོད་ཀྱི་ཆ་འཕྲིན་ཟིན་ཐོ་འགོད་སྐབས།ཁྱེད་རང་གིས་འབྲེལ་ཡོད་གྲོས་མཐུན་ནམ་ཡང་ན་ཉེན་བརྡ་སོགས་ལ་ལྟ་ཞིབ་བྱེད་དགོས།ང་ཚོས་དེའི་ཐད་དྲན་སྐུལ་དང་ཞིབ་བཤེར་གྱི་འོས་འགན་གང་ཡང་མི་འཁུར་བ་མ་ཟད།དེར་བརྟེན་ཁྱེད་རང་གིས་འཁུར་སྲིད་པའི་ཉེན་ཁ་དང་གྱོང་གུན་ལ་འགན་འཁུར་མི་དགོས།ཁྱེད་ཀྱིས་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པ་དང་རང་འགུལ་ངང་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་དགོས།

བཞི། སྤྱོད་མཁན་གྱི་དབང་ཆ་དང་འོས་འགན།

4.1 ཞབས་འདེགས་བདེ་བླག་ངང་ཞུ་ཆེད། ཁྱེད་རང་ལ་ཞབས་འདེགས་འདི་དང་འཚམ་པའི་མཐའ་སྣེའི་སྒྲིག་ཆས་གཅིག་གམ་མང་པོ་(དཔེར་ན་ཞའོ་སྨི་ལག་ཐོགས་ཁ་པར་དང་། ཞའོ་སྨི་ངོས་ལེབ་གློག་ཀླད། ཞའོ་སྨི་གློག་ཀླད་སོགས)འཛོམས་དགོས་པ་དང་འབྲེལ་སྒུལ་བདེའི་གྲངས་གཞིའི་ཞབས་ཞུའམ་ཡང་ན་WLANདྲ་སྦྲེལ་ཐུབ་པ་བྱེད་དགོས། ཁྱེད་རང་གིས་གོང་གསལ་གྱི་སྒྲིག་ཆས་དང་དྲ་རྒྱའི་སྦྲེལ་མཐུད་ཞབས་ཞུའི་འབྲེལ་ཡོད་འགྲོ་གྲོན་རང་འགུལ་གྱིས་སྤྲོད་དགོས།

4.2 ཁྱེད་ཀྱིས་ཞབས་ཞུ་འདི་སྤྱོད་སྐབས《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》དང་།《དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་དོ་དམ་གཏན་འབེབས》《དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་སྣོད་བཅུད་བཅོས་སྐྱོང་གཏན་འབེབས》《དྲ་སྦྲེལ་སྤྱོད་མཁན་གྱི་ཐོ་ཨང་ཆ་འཕྲིན་དོ་དམ་གཏན་འབེབས》《སྒུལ་བདེའི་དྲ་སྦྲེལ་ཉེར་སྤྱོད་གོ་རིམ་གྱི་ཆ་འཕྲིན་ཞབས་ཞུའི་དོ་དམ་གཏན་འབེབས》སོགས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ངེས་པར་དུ་བརྩི་སྲུང་ཞུ་དགོས། ཁྱེད་ཀྱིས་ཞབས་ཞུ་འདི་བེད་སྤྱད་དེ་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་དམ་ཚུལ་དང་མི་མཐུན་པའི་བྱེད་སྒོ་གང་ཡང་སྤེལ་མི་སྲིད་པའི་མོས་མཐུན་གནང་ཡོད།

4.2.1 གཤམ་གྱི་ནང་དོན་ལས་གཅིག་ཡོད་པའི་ཆ་འཕྲིན་ཡར་བསྐུར་དང་། འགྲེམ་སྤེལ། སྦྱར་བ། བརྒྱུད་བསྐུར་དང་ཐབས་ལམ་གཞན་གྱིས་སྐུར་བ།

4.2.2 ཞབས་ཞུ་འདི་སྤྱད་དེ་གཤམ་གསལ་བྱ་སྤྱོད་སྤེལ་མི་རུང་།

4.3 ཁྱེད་རང་གིས་གྲོས་མཐུན་འདིའམ་ཡང་ན་རྣམ་གྲངས་རྐྱང་མའི་ཞབས་ཞུའི་དོན་ཚན་གཞན་དག་གི་གཏན་འབེབས་ལས་འགལ་ནས་བྱུང་བའི་ཕྱོགས་གསུམ་པས་ཞའོ་སྨི་དང་མཉམ་ལས་ཀུང་སི་དང་འབྲེལ་ཡོད་ཀུང་སིས་འདོད་ཚུལ་བཏོན་པའི་གྱོང་གསབ་དང་བླང་བྱ་གང་རུང་ངམ་ཡང་ན་གྱོང་གུན་དང་ལུགས་མཐུན་གྱི་ཁྲིམས་རྩོད་པའི་གྲོན་དངུལ་ཚུད་པའི་ལུགས་མཐུན་གྱི་ཁྲིམས་རོགས་པའི་གྲོན་དངུལ་དང་། ཁྱེད་ཀྱིས་སྐྱིན་ཚབ་སྤྲོད་རྒྱུའི་མོས་མཐུན་དང་མཉམ་ལས་ཀུང་སི་དང་འབྲེལ་ཡོད་ཀུང་སི་དང་། མ་ཟད་དེར་གནོད་སྐྱོན་མི་ཕོག་པ་བྱ་དགོས། དུས་མཚུངས་སུ་ཞའོ་སྨི་ལ་ཁྱེད་ཀྱི་བྱ་སྤྱོད་ཀྱི་ངོ་བོར་ཐག་གཅོད་བྱེད་དབང་ཡོད་དེ། ཁྱབ་བསྒྲགས་བྱས་པའི་ནང་དོན་སུབ་པ་དང་། སྤྱོད་དབང་མཚམས་འཇོག ཞབས་ཞུ་མཚམས་འཇོག ཞའོ་སྨི་ཐོ་ཨང་གི་བེད་སྤྱོད་ལ་ཚད་བཀག་བཟོ་བ། ཁྲིམས་ལུགས་འགན་འཁྲི་བདའ་འདེད་གཏོང་བ་སོགས་ཀྱི་བྱ་ཐབས་དོན་དུ་གཉེར་དབང་ཡོད། དེ་བཞིན་ཞའོ་སྨི་ཡིས་ཁྲིམས་འཛིན་སྡེ་ཁག་གི་བླང་ཆ་ལྟར། ཞིབ་བཤེར་ལ་རོགས་འདེགས་བྱེད།

4.4 ཁྱེད་ཀྱིས་ཞབས་ཞུ་འདིའི་ཡན་ལག་གང་རུང་ངམ་ཞབས་ཞུ་འདི་བེད་སྤྱོད་དང་ཐོབ་ཐབས་བྱེད་ཆེད། འདྲ་བཟོ་དང་། བསྐྱར་བསྐྲུན། ཕྱིར་འཚོང་། ནང་གཤུག་གམ་ཡང་ན་དེ་མིན་གྱི་ཚོང་ལས་དམིགས་ཡུལ་གང་རུང་དོན་དུ་གཉེར་མི་ཆོག

4.5 ཁྱེད་ཀྱིས་རང་ཉིད་ཀྱིས་ཞབས་ཞུ་འདི་བེད་སྤྱོད་པའི་བརྒྱུད་རིམ་ཁྲོད་ཀྱི་བྱ་སྤྱོད་ལ་ཁྲིམས་ལུགས་འགན་འཁྲི་ངེས་པར་འཁུར་དགོས། ཁྱེད་ཀྱིས་འགན་ཁུར་དགོས་པའི་ཁྲིམས་ལུགས་ཀྱི་རྣམ་པ་དེ་དག་ཡོད་དེ་དེས་ཀྱང་མི་ཚད་དེ། གནོད་འཚེ་ཐེབས་ཡུལ་ལ་གུན་གསབ་སྤྲོད་པ་དང་། ཞའོ་སྨི་ཡིས་ཁྱེད་ཀྱི་བྱ་སྤྱོད་ཀྱི་དབང་གིས་སྲིད་འཛིན་ཉེས་ཆད་ཕོག་པའི་འགན་འཁྲི་ཁུར་བ་དེར། ཁྱེད་ཀྱིས་རྗེས་སུ་གོང་མཉམ་གྱི་གུན་གསབ་སྤྲོད་དགོས།

ལྔ། འགན་འཁྲི་མེད་པའི་གསལ་བསྒྲགས།

5.1 ཞབས་ཞུ་འདི“ད་ལྟའི་གནས་ཚུལ”དང“ད་ཡོད”ལྟར་མཁོ་འདོན་བྱེད་ཀྱི་ཡོད། བཅའ་ཁྲིམས་ཀྱིས་ཁས་ལེན་པའི་ཁྱབ་ཁོངས་ཆེ་ཤོས་ནང་ང་ཚོས་གསལ་སྟོན་ནམ་ཡང་ན་གསལ་བཤད་བྱེད་པའི་འགན་ལེན་དང་། ཆ་རྐྱེན། གྲོས་ཆོད་གཞན་དག་བཅས་གང་ཡང་མི་འཁུར་བ་མ་ཟད། དེའི་ཐད་ཕན་ཚུན་འགན་ལེན་དང་། ཁས་ལེན། གསལ་བསྒྲགས། འགན་ལེན་བཅས་གང་ཡང་བྱས་མེད་ཅིང་། དེའི་ནང་ཞབས་འདེགས་དང་དེ་བཞིན་འབྲེལ་ཡོད་ཀྱི་རྣམ་གྲངས་རྐྱང་པའི་ཞབས་ཞུའམ་ཡང་ན་ནུས་པའི་ཆ་ཚང་རང་བཞིན་དང་། ཡང་དག་པའི་རང་བཞིན། དུས་ཐོག་རང་བཞིན། བློས་འགེལ་ཆོག་པའི་རང་བཞིན་སོགས་ཚུད་ཡོད།

5.2 བཅའ་ཁྲིམས་ཀྱིས་ཆོག་པའི་ཁྱབ་ཁོངས་ཆེས་ཆེ་བའི་ནང་། ཁྱེད་རང་ངམ་ཡང་ན་མི་གཞན་པ་གང་རུང་གིས་གཤམ་གྱི་རྒྱུ་རྐྱེན་དབང་གིས་འཚམས་འདྲི་བྱེད་ཐབས་བྲལ་བའམ་ཡང་ན་ཞབས་ཞུ་འདི་བཀོལ་སྤྱོད་བྱས་པའི་རྐྱེན་གྱིས་བྱུང་བའི་གྱོང་གུན་གང་ལའང་ཞའོ་སྨི་ཡིས་འགན་འཁྲི་གང་ཡང་མི་འཁུར།

5.2.1 མགྲོན་ནག་གི་གནོད་པ་དང་གློག་ཀླད་དུ་ནད་དུག་འཛུལ་བ། ཁྲིམས་འགལ་ནང་དོན་ཆ་འཕྲིན། སུན་བཟོའི་ཆ་འཕྲིན་བཀག་འགོག་དང་། སྲིད་གཞུང་གི་དོ་དམ་དང་དེ་བཞིན་གྱི་དྲ་རྒྱའི་ལག་རྩལ་དང་འཕྲིན་གཏོང་སྐུད་ལམ། ཆ་འཕྲིན་བདེ་འཇགས་དོ་དམ་བྱེད་ཐབས་སོགས་ཀྱི་རྐྱེན་ལས་ཞབས་ཞུ་ཆད་པའམ་ཕྱི་འགྱངས་བྱུང་བ། འགོག་རྐྱེན་ཐེབས་པ་སོགས་ཀྱི་གནས་ཚུལ་གང་རུང་།

5.2.2 ཕྱོགས་གསུམ་པ་དཔེར་ན། གཉེར་སྐྱོང་བྱེད་མཁན་གྱི་འཕྲིན་གཏོང་སྐུད་ལམ་ལ་སྐྱོན་ཤོར་བ་དང་། ལག་རྩལ་གྱི་གནད་དོན། དྲ་རྒྱ། གློག་ཀླད་ལ་སྐྱོན་བྱུང་བ། མ་ལག་གཏན་འཇགས་མིན་པ་དང་རྒྱུ་རྐྱེན་གཞན་དག་སོགས་ཀྱིས་བཟོས་པའི་གྱོང་གུན་གྱི་གནས་ཚུལ།

5.2.3 ཞའོ་སྨི་ཡིས་མ་ལག་གམ་ཡང་ན་མཉེན་ཆས་དང་མཁྲེགས་ཆས་ལ་སྲུང་སྐྱོང་དང་རིམ་སྤོར་བྱས་པ་དེས་ཞབས་ཞུ་དེ་མཚམས་འཇོག་པའམ་ཡང་ན་མཚམས་འཇོག་ཏུ་བཅུག་པ།

5.2.4 རྒྱ་མཚོའི་རླུང་འཚུབ་དང་། ས་ཡོམ། གློག་ཆད། ཆུ་ལོག དམག་འཁྲུག འཇིགས་སྐུལ་འཇབ་རྒོལ་སོགས་འགོག་ཐབས་བྲལ་བའི་རྒྱུ་རྐྱེན་ལས་བྱུང་བའི་ཞབས་ཞུ་བར་མཚམས་ཆད་རིགས།

5.2.5 བཅའ་ཁྲིམས་དང་ཁྲིམས་སྲོལ་འགྱུར་བ་བྱུང་བ་དང་། ཁྲིམས་འཛིན་ལས་ཁུངས་དང་སྲིད་འཛིན་ལས་ཁུངས་སོགས་ཀྱི་བཀའ་རྒྱ་དང་བཀའ་བཅད་བཏང་བ་སོགས་ཀྱི་རྒྱུ་རྐྱེན་ལས་བྱུང་བའི་ཞབས་ཞུ་མཚམས་ཆད་པ། དུས་འགྱངས་སམ་མཚམས་འཇོག་བྱེད་པ་སོགས་ཀྱི་གནས་ཚུལ།

5.3 ཞབས་ཞུ་དེ་ཁྱེད་མི་སྒེར་གྱིས་བེད་སྤྱོད་གཏོང་རྒྱུར་མཁོ་འདོན་བྱས་པ་དང་ཞའོ་སྨི་ཡི་མོས་མཐུན་མ་བྱུང་བར་ཁྱེད་ཀྱིས་ཐད་ཀའམ་གཞན་བརྒྱུད་ཀྱི་ཐོག་ནས་ཕྱོགས་གསུམ་པར་ཁྱེད་ཀྱི་ཐོ་ཨང་བེད་སྤྱོད་བྱ་རྒྱུའི་དབང་ཆ་སྤྲད་པའམ་ཡང་ན་ཁྱེད་ཀྱི་ཐོ་ཨང་འོག་གི་ཆ་འཕྲིན་བླངས་པ་ལས་བྱུང་བའི་གྱོང་གུན་ཚང་མ་ཁྱེད་རང་གིས་འཁུར་དགོས་པ་ལས་ཞའོ་སྨི་ཡིས་འགན་འཁྲི་གང་ཡང་འཁུར་མི་དགོས།

5.4 ཁྱེད་ཀྱིས་སྔར་ཡོད་པའི་ཕྱོགས་གསུམ་པའི་ཐོ་ཨང་གིས་ཞའོ་སྨིའི་ཐོ་འགོད་ལ་འབྲེལ་ཆོག་ཡོད། ཞའོ་སྨི་ཡིས་ཕྱོགས་གསུམ་པའི་དབང་གིས་ཁྱེད་ལ་བཟོས་པའི་འགན་འཁྲི་གང་ཡང་འཁུར་རྒྱུ་མིན།

5.5 ང་ཚོས་བཅའ་ཁྲིམས་དང་གཏུག་བཤེར། ཁྲིམས་འཛིན་ལས་ཁུངས་སམ་སྲིད་གཞུང་ལས་ཁུངས་ཀྱི་བླང་བྱ་དང་ལུགས་མཐུན་གྱི་གནས་ཚུལ་གཞན་དག་ལ་གཞིགས་ནས། ཁྱེད་ཀྱི་ཐོ་ཨང་གི་ཆ་འཕྲིན་དང་ནང་དོན་ལ་ལྟ་སྤྱོད་དང་བེད་སྤྱོད། ཉར་ཚགས། ཡང་ན་ཁྱབ་བསྒྲགས་བཅས་བྱེད་སྲིད།

5.6 ཁྱེད་རང་གི་བེད་སྤྱོད་བྱེད་སྟངས་མ་འགྲིག་པའམ་ཡང་ན་རང་ངོས་ཀྱི་རྒྱུ་རྐྱེན་གཞན་གྱིས་རྐྱེན་པས་ཁྱེད་རང་དང་འབྲེལ་བ་ཡོད་པའི་མི་སྒེར་གྱི་ཆ་འཕྲིན་ཕྱིར་བསྒྲགས་གང་འདྲ་ཞིག་བྱས་ཀྱང་ཞའོ་སྨི་ཡིས་དེའི་ཐད་འགན་འཁྲི་གང་ཡང་འཁུར་གྱི་མེད།

5.7 ཞའོ་སྨིའི་ཐོན་རྫས་དང་། བྱ་རིམ། ཞབས་ཞུ་བཅས་བེད་སྤྱོད་བྱེད་སྐབས་མི་གཞན་གྱིས་མིང་མ་བཀོད་པའམ་མིང་རྫུས་མ་བཀོད་པའི་འཇིགས་སྐུལ་དང་། སྐུར་འདེབས། ཞེ་ལོག་པ། ཁྲིམས་དང་མི་མཐུན་པའི་ནང་དོན་ལྡན་པའི་ཆ་འཕྲིན་ལས་བྱུང་བའི་ཉེན་ཁ་དང་། ཡང་ན་སྤྱོད་མཁན་བར་དུ་ཞབས་ཞུ་འདི་དང་སྤྱོད་མཁན་གཞན་དག་གིས་བརྗེ་རེས་བྱས་པ་བརྒྱུད་དེ་གོ་ནོར་ཐེབས་པའམ་མགོ་སྐོར་ཐེབས་པ་ལས་བྱུང་བའི་སེམས་ཁམས་དང་ལུས་ཁམས་ལ་བྱུང་བའི་གནོད་འཚེ། དཔལ་འབྱོར་ཐད་ཀྱི་གྱོང་གུན་བཅས་ཚང་མར་དབང་གནོད་མཁན་གྱིས་འགན་འཁྲི་ཡོད་ཚད་འཁུར་རྒྱུ་དང་། ཞའོ་སྨི་ཡིས་དེར་ཁག་འགན་གང་ཡང་འཁུར་མི་འཁུར་བ་རེད།

5.8 ཁྱེད་ཀྱིས་ཞའོ་སྨིའི་ཐོ་ཨང་སྤྱད་ནས་སྤེལ་བའི་ནང་དོན་གང་ཡང་རུང་བས་ཞའོ་སྨིའི་ལྟ་བ་དང་སྲིད་ཇུས་སོགས་ཚབ་བྱེད་མི་ཐུབ་པས། ཞའོ་སྨི་ཡིས་དེའི་ཐད་ཀྱི་འགན་ཁྲི་ཅི་ཡང་འཁུར་རྒྱུ་མིན།

5.9གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་ཞའོ་སྨི་ཡིས་གཞན་བརྒྱུད་རང་བཞིན་དང་། མཇུག་འབྲས་རང་བཞིན། ཆད་གཅོད་རང་བཞིན། སྟེས་དབང་རང་བཞིན། དམིགས་བསལ་རང་བཞིན་ནམ་ཉེས་ཆད་རང་བཞིན་བཅས་ཀྱི་གནོད་སྐྱོན་གང་ཡང་མི་གཏོང་། དེའི་ནང་ཁྱེད་ཀྱིས་ཞའོ་སྨིའི་ཞབས་ཞུ་བེད་སྤྱོད་བྱས་པའི་རྐྱེན་གྱིས་ཁེ་སྤོགས་ཀྱི་གྱོང་གུན་ཕོག་པ་ཚུད་ཡོད་པས་འགན་འཁྲི་འཁུར་དགོས། ཁྱེད་ཀྱིས་ཞའོ་སྨི་ཞབས་ཞུ་བཀོལ་བའི་རྐྱེན་གྱིས་ཁེ་སྤོགས་ཀྱི་གྱོང་གུད་ཐེབས་པ་དང་འགན་འཁུར་དགོས་པའང་ཚུད་ཡོད། ཁྱེད་རང་གི་མོས་མཐུན་གནང་མཚམས་སུ་ང་ཚོས་ཁྱེད་རང་གིས་འཁུར་བའི་འགན་འཁྲི་ཡོངས་ཀྱི་རྒྱུ་རྐྱེན་ནམ་བྱ་སྤྱོད་སྤེལ་སྟངས་གང་ཡིན་རུང་། སྔ་ཕྱི་བར་གསུམ་དུ་ཁྱེད་རང་གི་གྲོས་ཆོད་ཀྱི་གོ་ཆོད་དུས་ཚོད་ནང་ཞའོ་སྨི་ཞབས་ཞུ་བེད་སྤྱོད་བཏང་ནས་ཞའོ་སྨི་ལ་སྤྲོད་པའི་འགྲོ་གྲོན་(གལ་ཏེ་ཡོད་ཚེ)ལས་བརྒལ་མི་རུང་།

དྲུག ཤེས་བྱའི་ཐོན་དངོས་བདག་དབང་།

6.1 ཁྱེད་ཀྱིས་ཞའོ་སྨི་ཐོ་ཨང་སྤྱད་དེ་སྟེགས་བུ་གང་རུང་ཞིག་ནས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་གྱིས་སྐྱེ་བོ་གསུམ་པ་གང་རུང་ཞིག་གི་ཤེས་བྱའི་ཐོན་དངོས་བདག་དབང་ལ་གནོད་འཚེ་གཏོང་མི་ཆོག་པ་དང་། འབྲེལ་ཡོད་བདག་དབང་ཡོད་མཁན་གྱིས་སྔོན་ལ་ཡིག་ཐོག་ནས་མོས་མཐུན་མ་བྱས་ན། ཁྱེད་ཀྱིས་རྣམ་པ་གང་རུང་གི་ཐོག་ནས་རྩོམ་གྱི་བདག་དབང་སྲུང་སྐྱོང་ཐོབ་པའི་རྒྱུ་ཆ་དང་། ཚོང་རྟགས། མི་གཞན་ལ་དབང་བའི་ཆེད་སྤྱོད་ཆ་འཕྲིན་གང་རུང་བརྒྱུད་བསྒྲགས་དང་། ཁྱབ་བསྒྲགས། བཟོ་བཅོས། ཁྱབ་སྤེལ། འདྲ་བཟོ་བཅས་བྱས་མི་ཆོག གལ་ཏེ་བརྩམས་ཆོས་ཀྱི་བདག་དབང་འཛིན་མཁན་ནམ་དེའི་ཁྲིམས་མཐུན་འཐུས་ཚབ་ཀྱིས་ཞའོ་སྨི་ལ་བརྡ་ཐོ་བཏང་རྗེས། ང་ཚོས་ཞིབ་བཤེར་བྱས་པའི་རྨང་གཞིའི་ཐོག་མི་གཞན་གྱི་བརྩམས་ཆོས་ཀྱི་བདག་དབང་ལ་གནོད་འཚེ་བཏང་བའི་ནང་དོན་སྤོ་སྒྱུར་བྱ་རྒྱུ་ཡིན།

6.2 ཞའོ་སྨིའི་ཞབས་ཞུ་བེད་སྤྱོད་བྱེད་དུས་ཞའོ་སྨིའི་ཐོ་ཨང་སྤྱད་ནས་སྤེལ་བའི་ཡི་གེ་དང་། པར་རིས། བརྙན་ཟློས། མཉེན་ཆས་དང་འཁྲབ་སྟོན་སོགས་མ་རྩོམ་ཆ་འཕྲིན་གྱི་ཤེས་བྱའི་བདག་དབང་ཁྱེད་རང་ཉིད་ལ་དབང་དགོས། འོན་ཀྱང་ཁྱེད་ཀྱིས་གོང་བརྗོད་ཀྱི་ཆ་འཕྲིན་དག་འགྲེམས་སྤེལ་དང་བརྒྱུད་སྤེལ་གྱི་བྱ་སྤྱོད་དེ་ཞའོ་སྨི་གཅིག་པུས་ས་ཆ་བཟུང་བ་དང་། ཡུན་རིང་གནས་པ། མེད་པ་བཟོ་བ་བཅས་ཀྱི་སྒོ་ནས་ཆ་འཕྲིན་དེའི་འབྲེལ་ཡོད་ཤེས་བྱའི་བདག་དབང་བེད་སྤྱོད་དང་འདྲ་བཟོ་སོགས་ཀྱི་དབང་ཆ་སྤྲོད་རྒྱུ་ཡིན་པའི་ངོས་འཛིན་གནང་བ་མ་ཟད། ཞའོ་སྨི་ཡིས་གོང་གསལ་དབང་ཆ་བརྒྱུད་སྤྲོད་བྱ་རྒྱུར་ཁྱེད་ཀྱིས་མོས་མཐུན་ཡང་གནང་བ་རེད། ཞའོ་སྨི་ལ་ཁྱེད་ཀྱིས་འདོད་པའི་གསང་བ་དང་ཁོ་ནར་དབང་བའི་ཆ་འཕྲིན་གང་ཡང་མཁོ་འདོན་མི་བྱེད་པའི་མོས་མཐུན་ཁྱེད་ཀྱིས་གནང་ཡོད།

6.3 ཞའོ་སྨི་ཡིས་སྔོན་ནས་ཤོག་ངོས་མོས་མཐུན་ཐོབ་པ་ཕུད། ཁྱེད་ལ་ཞའོ་སྨི་ཡི་ཤེས་བྱའི་ཐོན་དངོས་བདག་དབང་སྤྱོད་དབང་ཐོབ་མེད། ཁྱེད་ནས་ཞའོ་སྨི་ཡི་ཤེས་བྱའི་ཐོན་དངོས་བདག་དབང་ལ་བརྩི་བཀུར་བྱེད་པའི་འགན་ལེན་ཁག་ཐེག་འགྲེལ་བརྗོད་བཅས་གནང་དགོས། ཁྱེད་ཀྱིས་རང་ཉིད་ཀྱི་མིང་ཐོག་གམ་ཡང་ན་ཕྱོགས་གསུམ་པར་སྐུལ་འདེད་བཏང་ཏེ། དེ་བཞིན་ཕྱོགས་གསུམ་པ་གང་རུང་ཞིག་ལའང་མོས་མཐུན་བྱེད་པའམ་ཡང་ན་རྒྱ་ཡན་དུ་གཏོང་མི་སྲིད། དེའི་ཚོང་གཉེར་དང་། མཚམས་སྦྱོར་བརྡ་ཁྱབ། བྲིན་ཚོང་ངམ་ཡང་ན་དམིགས་ཡུལ་གཞན་དག་གང་རུང་ཞིག་གི་ཆེད་དུ་ཁྲིམས་ཁོངས་གང་རུང་དང་བྱེད་ཐབས་གང་རུང་ལ་བརྟེན་ནས་ཞའོ་སྨི་དང་ཡང་ན་ཞའོ་སྨི་དང་འབྲེལ་བ་ཡོད་པའི་ཀུང་སིའི་ཚོང་རྟགས་དང་འདྲ་བའི་ཚོང་རྟགས། ཁོངས་མིང་། སྐུད་མེད་དྲ་ཚིགས། དྲ་སྦྲེལ་འཚོལ་བཤེར་མིང་ངམ་ཡང་ན་ཚོང་རྟགས་དང་ཞབས་ཞུའི་མཚོན་རྟགས་གང་རུང་རེ་ཞུ་བྱེད་མི་རུང་། གལ་ཏེ་གོང་གསལ་གྱི་གནས་ཚུལ་ཐོན་ཚེ་ཁྱེད་ཀྱིས་ངེས་པར་དུ་འབྲེལ་ཡོད་ཁེ་དབང་ཚང་མ་ཞའོ་སྨི་ལ་ནང་བཤུག་གཏོང་དགོས་པ་དང་འགྲོ་གྲོན་ཁྱེད་ཀྱིས་འགན་འཁུར་དགོས། ཁྱེད་ནས་གཤམ་གསལ་འབོད་ལུགས་(“雷军”、“小米”、“米联”、 “米吧”、“小米商城”、“小米网”、“红米”、“Redmi”、“小爱”、“米兔”、“Xiaomi”、 “MIUI”、“MI”、“米家”、“MIJIA”、“有品”、“天星airstar”སོགས་གོང་བརྗོད་ཚོང་རྟགས་ཚུད་ལ་དེས་མི་ཚད་ལ་དེའི་ཁོངས་གཏོགས་པར་རིས་མཚོན་རྟགས་སོགས་)དག ཁེ་ལས་དང་། ཚོང་ཁང་། ཞབས་ཞུའམ་ཐོན་རྫས་བཅས་ཀྱི་ཆ་ཤས་སུ་མི་བཀོལ་བའི་ཁས་ལེན་དང་ཁ་ཆད་བྱ་དགོས། དེར་མ་ཟད་ཞའོ་སྨི་ཚོང་རྟགས་དང་དེ་དང་འདྲ་བའི་ཤེས་བྱའི་ཐོན་དངོས་བདག་དབང་བེད་སྤྱོད་མི་གཏོང་། གལ་ཏེ་ཁྱེད་ཀྱིས་དོན་ཚན་འདིའི་ཁ་ཆད་དང་འགལ་བའི་རྐྱེན་གྱིས་ཞའོ་སྨི་ལ་གྱོང་གུན་བཟོས་ན། གྱོང་གུན་འདི་ཚང་མ་ཁྱེད་ཀྱིས་འགན་འཁུར་དགོས།

བདུན། བཟོ་བཅོས།

7.1 དྲ་སྦྲེལ་གྱི་འབྲེལ་ཡོད་ལག་རྩལ་དང་ཁྲོམ་ར། ལས་སྒོའི་རྣམ་པ་སོགས་འཕེལ་རྒྱས་མྱུར་པོ་བྱུང་བར་གཞིགས་ནས། ཞའོ་སྨི་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འགྱུར་ལྡོག་དང་དྲ་སྦྲེལ་གྱི་འཕེལ་རྒྱས། དེ་བཞིན་ཀུང་སིའི་གཉེར་སྐྱོང་གནས་ཚུལ་དང་གཉེར་སྐྱོང་ཐབས་ཇུས་ལེགས་སྒྲིག་སོགས་ལ་གཞིགས་ནས་དུས་བཀག་མེད་པར་གྲོས་མཐུན་དེ་དང་སྒྲིག་སྲོལ་སྣ་ཚོགས་སྒྲིག་བཟོ་དང་བཟོ་བཅོས་བྱེད་དབང་ཡོད། གསར་སྒྱུར་རྗེས་ཀྱི་གྲོས་མཐུན་དང་སྒྲིག་སྲོལ་དེ་ལུགས་མཐུན་གྱི་སྤྱི་བསྒྲགས་དུས་ཡུན་བརྒྱུད་རྗེས་ནུས་པ་ཐོན་རྒྱུ་མ་ཟད། སྔར་གྱི་གྲོས་མཐུན་དང་སྒྲིག་སྲོལ་གྱི་ཚབ་བྱ་རྒྱུ།

7.2 ང་ཚོས་འོས་འཚམ་གྱི་རྣམ་པས་ཁྱེད་ལ་གྲོས་མཐུན་གསར་བ་ཀློག་དགོས་པའི་བརྡ་གཏོང་། ཁྱེད་ཀྱིས་འབྲེལ་ཡོད་ཞབས་ཞུའི་ཤོག་ངོས་ནས་པར་གཞི་གསར་བའི་གྲོས་མཐུན་དོན་ཚན་ལ་བལྟས་ཆོག གལ་སྲིད་བཟོ་བཅོས་བརྒྱབ་རྗེས་ཀྱི་གྲོས་མཐུན་དང་སྒྲིག་སྲོལ་གྱིས་ཁྱེད་རང་གི་ཞབས་ཞུ་འདི་མུ་མཐུད་སྤྱོད་རྒྱུར་ཤུགས་རྐྱེན་ཚབས་ཆེན་བཟོ་བའམ་ཡང་ན་ཚོད་འཛིན་བྱེད་ཚེ། ང་ཚོས་སྒེའུ་ཁུང་དང་དྲ་ངོས་ཀྱི་མངོན་གསལ་དོད་སར་ཡོངས་བསྒྲགས་དང་འཕྲིན་ཐུང་སོགས་ཀྱི་བྱ་ཐབས་བརྒྱུད་ཁྱེད་ཀྱི་མོས་མཐུན་ལེན་པར་བྱ། གལ་ཏེ་ཁྱོད་ཀྱིས་བཟོ་བཅོས་བྱས་རྗེས་ཀྱི་འབྲེལ་ཡོད་དོན་ཚན་ལ་མི་འཐད་ན།ཁྱོད་ཀྱིས་མྱུར་དུ་གན་རྒྱ་འདིའི་འོག་གི་ཞབས་ཞུ་སྣ་ཚོགས་བཀོལ་སྤྱོད་བྱེད་མཚམས་འཇོག་རོགས། ཁྱེད་ཀྱིས་མུ་མཐུད་ཞའོ་སྨིའི་ཐོ་ཨང་ཐོ་འཇུག་གམ་ཡང་ན་མུ་མཐུད་ཞའོ་སྨིའི་རྣམ་གྲངས་རྐྱང་པའི་ཞབས་ཞུ་བེད་སྤྱད་པའི་བྱ་སྤྱོད་དེ་ཁྱེད་རང་གིས་ཁས་ལེན་པ་དང་འབྲེལ། བཟོ་བཅོས་བརྒྱབ་པའི་གྲོས་མཐུན་དང་སྒྲིག་སྲོལ་དང་ལེན་བྱེད་པར་བརྩི་ཀི་ཡོད།

7.3 ང་ཚོས་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས་ཁྱེད་ཀྱིས་ཞའོ་སྨི་ཞབས་ཞུ་དང་། ཞའོ་སྨི་ཐོ་ཨང་བེད་སྤྱོད་བྱེད་པའི་དབང་ཆ་ཉར་ཡོད། ཁྱེད་ལ་བརྡ་ཐོ་བཏང་ཡོད་རུང་མེད་རུང་། ང་ཚོས་དུས་དང་ཐབས་ལམ་ངེས་མེད་ཀྱིས་གྲོས་མཐུན་འདི་མཚམས་འཇོག་བྱེད་སྲིད། དེའི་ནང་དུ་སེམས་བཟང་གིས་ཁྱེད་ཀྱིས་ང་ཚོས་དང་ལེན་བྱེད་ཐུབ་པའི་བེད་སྤྱོད་ཀྱི་སྲིད་ཇུས་དང་གྲོས་མཐུན་འདི་གའི་གཏན་འབེབས་གཞན་དག་ལས་འགལ་བའང་ཚུད་ཡོད།

7.4 སྔོན་གྱི་དོན་ཚན་གྱིས་ཚད་བཀག་བཟོ་མི་ཐུབ་པར། གལ་སྲིད་ཁྱེད་ཀྱིས་ཕྱོགས་གསུམ་པའི་བརྩམས་ཆོས་ཁེ་དབང་ལ་གནོད་འཚེ་བཟོས་ཤིང་། ཞའོ་སྨི་ལ་རྩོམ་པ་པོ་དང་བརྩམས་ཆོས་ཀྱི་ཁེ་དབང་མི་སྣའི་བརྡ་ཐོ་འབྱོར་ཚེ། ཞའོ་སྨི་ཡིས་གྲོས་མཐུན་འདི་གའི་དབང་ཆ་མེད་པར་བཟོ་སྲིད།

བརྒྱད། ཞབས་ཞུ་མཚམས་འཇོག

8.1 གལ་ཏེ་ཁྱེད་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་གྲོས་མཐུན་འདིའི་ཁ་ཆད་དང་འགལ་བའི་གནས་ཚུལ་ཡོད་ན། ང་ཚོར་ཐོ་ཨང་འདི་བེད་སྤྱོད་བྱེད་མཚམས་འཇོག་པ་དང་། ཚོད་འཛིན་བྱེད་པའམ་ཡང་ན་མཚམས་འཇོག་བྱེད་པ། ཁྱེད་རང་ལ་ཞབས་ཞུ་མཁོ་འདོན་བྱེད་མཚམས་འཇོག་པ་བཅས་ཀྱི་དབང་ཆ་ཡོད།

8.2 ང་ཚོར་རང་ངོས་གཉེར་སྐྱོང་གི་དགོས་མཁོ་དངོས་ལ་གཞིགས་ནས་ལུགས་དང་མཐུན་པའི་དུས་བཀག་ནང་གནས་སྐབས་སམ་དུས་གཏན་མཚམས་འཇོག་བྱས་པའི་ཞའོ་སྨིའི་ཐོ་ཨང་ཞབས་ཞུ(ཡང་ན་ཆ་ཤས་གང་རུང་ཞིག་)མཚམས་འཇོག་དབང་ཡོད་པས། ཁྱེད་ཀྱིས་དུས་ཐོག་ཏུ་ཐོ་ཨང་དེའི་ནང་ཉར་ཚགས་བྱས་པའི་གྲངས་གཞི་དང་ཆ་འཕྲིན་ཚང་མ་གྲབས་གསོག་བྱེད་དགོས།

8.3 ང་ཚོས་ཁྲིམས་ལུགས་ཀྱི་གཏན་འཁེལ་དང་། གཏུག་བཤེར་གྱི་ཐག་གཅོད། ཁྲིམས་འཛིན་ལས་ཁུངས་སམ་སྲིད་གཞུང་ལས་ཁུངས་ཀྱི་རེ་བ་ལྟར་ཁྱེད་ལ་ཞའོ་སྨིའི་ཐོ་ཨང་གི་ཞབས་ཞུ་མཚམས་འཇོག་བྱེད་ཀི་ཡིན།

8.4 གལ་ཏེ་གོང་སྨོས་ཀྱི་དོན་ཚན་ནང་ཞབས་ཞུ་མཚམས་འཇོག་པའི་གནས་ཚུལ་ཡིན་ན། ང་ཚོས་སྟེགས་བུའི་སྟེང་ནས་སྤྱི་བསྒྲགས་བྱེད་པ་དང་། འཕྲིན་ཐུང་སྐུར་བའམ་ཡང་ན་ཐབས་གཞན་པ་བཀོལ་ནས་ཁྱེད་ལ་བརྡ་གཏོང་ངེས་ཡིན། འོན་ཀྱང་གཤམ་གསལ་གྱི་གནས་ཚུལ་དག་གནས་སྐབས་སུ། ང་ཚོས་དོན་དག་མ་བྱུང་སྔོན་ལ་ཁྱེད་རང་ལ་བརྡ་ཐོ་བཏང་བའི་གནས་ཚུལ་འོག་ཁྱེད་རང་གི་འཚམས་འདྲི་ཚང་མ་དང་ཡང་ན་ཆ་ཤས་མཚམས་འཇོག་དང་། ཚོད་འཛིན། མཚམས་འཇོག་བཅས་ཀྱི་ཞབས་ཞུ་དག་འཕྲལ་མར་མཚམས་འཇོག་པའམ་ཡང་ན་མཚམས་འཇོག་བྱེད་སྲིད་དེ།

8.4.1 ཁྱེད་རང་གིས་གྲོས་མཐུན་འདི་དང་འགལ་བའམ་ཡང་ན་ཞའོ་སྨི་ཡིས་བལྟས་ན་གྲོས་མཐུན་འདི་དང་འགལ་བའི་རྒྱུ་མཚན་ཡོད་པ།

8.4.2 ཁྱེད་རང་དང་ཡང་ན་ཁྱེད་རང་གི་ཚབ་བྱེད་ནས་བྱ་བ་སྒྲུབ་པའི་མི་སུ་འདྲ་ཞིག་གིས་མགོ་སྐོར་གཡོ་འཕྲུལ་དང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའམ་ཡང་ན་ཞའོ་སྨིར་ཆ་འཕྲིན་རྫུན་མ་འདོན་སྤྲོད་བྱས་པ།

8.4.3 ཕན་ནུས་ལྡན་པའི་བཅའ་ཁྲིམས་ཀྱི་གོ་རིམ་ལྟར་ཁྲིམས་བསྟར་སྡེ་ཁག་གམ་སྲིད་གཞུང་ལས་ཁུངས་ཀྱིས་བཏོན་པའི་བླང་བྱ་དང་དུ་ལེན་དགོས།

8.4.4 ཛ་དྲག་ཆེ་བའི་མ་ལག་གམ་ཡང་ན་མཁྲེགས་ཆས་སྲུང་སྐྱོང་དང་གསར་བསྒྱུར་གྱི་ལས་དོན་བསྒྲུབ་རྒྱུ།

8.4.5 སྔོན་དཔག་མི་ཐུབ་པའི་ལག་རྩལ་དང་བདེ་འཇགས་སམ་ལས་སྒོའི་རྒྱུ་རྐྱེན་གྱི་དབང་གིས།

8.5 གལ་ཏེ་ཁྱེད་ཀྱི་ཞའོ་སྨི་ཐོ་ཨང་གིས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་གྱི་ནང་དོན་ལ་ཕྱོགས་གསུམ་པའི་ཤེས་བྱའི་བདག་དབང་ལ་བཙན་གནོད་བྱེད་པའི་གནས་ཚུལ་ཡོད་པ་མ་ཟད། ཤེས་བྱའི་བདག་དབང་ཡོད་མཁན་ནམ་ཡང་ན་ཤེས་བྱའི་བདག་དབང་ཡོད་མཁན་གྱི་ཁྲིམས་མཐུན་ལས་ཚབ་པའི་བརྡ་ཐོ་འབྱོར་ཚེ། ཞའོ་སྨི་ཡིས་གྲོས་མཐུན་དེ་མཚམས་འཇོག་བྱེད་པའི་དབང་ཆ་སོར་འཇོག་བྱ་རྒྱུ་ཡིན་པ་རེད།

དགུ། མི་སྒེར་ཆ་འཕྲིན་སྲུང་སྐྱོབ།

9.1 སྤྱོད་མཁན་གྱི་གསང་བར་བརྩི་འཇོག་བྱེད་པ་མ་ཟད་ཁྱེད་ཀྱི་སྒེར་གྱི་ཆ་འཕྲིན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་ནི་ང་ཚོའི་སྔ་ཕྱི་བར་གསུམ་གྱི་རྣམ་འགྱུར་ཞིག་ཡིན། ཞའོ་སྨི་ཡིས་ལུགས་མཐུན་གྱི་བྱེད་ཐབས་སྤྱད་དེ་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་དང་གསང་བར་སྲུང་སྐྱོབ་བྱེད་ངེས་ཡིན། ང་ཚོས་སྤྱོད་མཁན་གྱི་མོས་མཐུན་ཐོབ་ན་མ་གཏོགས། ཞའོ་སྨི་ཡིས་ཞབས་ཞུ་མཁོ་སྤྲོད་བྱེད་པར་ངེས་པར་མཁོ་བའི་འཛད་སྤྱོད་པའི་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་མི་བྱེད་པའམ་ཡང་ན་ཆ་འཕྲིན་དེ་ཞབས་ཞུ་མཁོ་འདོན་བྱེད་པ་ལས་གཞན་པའི་དམིགས་ཡུལ་སྒྲུབ་པར་སྤྱོད་མི་སྲིད་པར་ཁས་ལེན་བྱེད་ཀྱི་ཡོད།

9.2 ང་ཚོས་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་དེ་བཞིན་ཁ་ཆད་བཞག་པའི་དགོས་ངེས་ཀྱི་བདེ་འཇགས་བྱེད་ཐབས་སྤྱད་དེ་ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་གི་འོས་འགན་བསྒྲུབ་དགོས། འོན་ཀྱང་ཁྱེད་ཀྱིས་ཤེས་རྟོགས་དང་བསམ་ཤེས་གནང་རོགས། ང་ཚོས་འབྲེལ་ཡོད་ཕྱོགས་གསུམ་པའི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་ནུས་པའམ་དེའི་ཐག་གཅོད་བྱ་སྤྱོད་ལ་ནུས་པའི་ཁྱབ་ཁོངས་ལས་བརྒལ་བའི་འགན་ལེན་བྱེད་ཐབས་མེད། གལ་ཏེ་ཁྱེད་ཀྱིས་འབྲེལ་ཡོད་ཕྱོགས་གསུམ་པས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་མཁོ་སྤྲོད། གསོག་ཉར། བེད་སྤྱོད་བཅས་བྱས་པའི་ཐད་དོགས་གཞི་གང་རུང་ཡོད་པ་དང་། ཡང་ན་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་དབང་ཆ་སྤྱོད་རྒྱུ་གཏན་འཁེལ་བྱས་ཚེ། ཁྱེད་ཀྱིས་ཐད་ཀར་ཕྱོགས་གསུམ་པར་འབྲེལ་གཏུག་བྱས་ཏེ་ཐག་གཅོད་བྱས་ཆོག

9.3 གྲོས་མཐུན་འདིའི་དོན་ཚན་འོག་གི་དམིགས་བསལ་ཁ་ཆད་བྱས་པའི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་དང་གསང་དོན་སྲིད་ཇུས་ལ་བརྩི་སྲུང་ཞུ་བ་ལས་གཞན། ང་ཚོས་ཁྱེད་ཀྱིས་ནན་ཏན་དང་ཆ་ཚང་བའི་སྒོ་ནས་《ཞའོ་སྨིའི་ཐོ་ཨང་གི་གསང་དོན་སྲིད་ཇུས་》ཀློག་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅིང་། དེས་ཁྱེད་མི་སྒེར་གྱི་ཆ་འཕྲིན་འགན་ལེན་བྱ་རྒྱུར་དེ་བས་ཕན་ཐོགས་ཡོད།

བཅུ། གོ་ཆོད་བཅའ་ཁྲིམས་དང་རྩོད་གཞི་ཞི་ཐབས།

10.1 གྲོས་མཐུན་འདིར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྤྱད་འཐུས།

10.2 གལ་ཏེ་ཕྱོགས་གཉིས་ཀའི་དབར་རྩོད་གཞི་བྱུང་ཚེ། མཛའ་མཐུན་གྱི་རྩ་དོན་ལྟར་གྲོས་མོལ་བྱས་ནས་ཐག་གཅོད་དགོས། གལ་ཏེ་གྲོས་འཆམ་བྱུང་མ་ཐུབ་ཚེ། པེ་ཅིང་གྲོང་ཁྱེར་ཧའེ་ཏེན་ཁུལ་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱ་དགོས། གལ་ཏེ་ཚན་པ་རྐྱང་བའི་དོན་ཚན་དང་གྲོས་མོལ་འདིའི་བདག་ཁོངས་ཁ་དན་གྱི་ནང་དོན་ཐད་འགལ་བ་ཡོད་ཚེ། ཚན་པ་རྐྱང་བའི་ཚོད་འཛིན་ཁྱབ་ཁོངས་ཁྲོད་ཚན་པ་རྐྱང་བ་གཞིར་འཛིན་དགོས།

བཅུ་གཅིག གཞན་དག

11.1 གྲོས་མཐུན་གྱི་ནུས་པ་ཐོན་པ།

གྲོས་མཐུན་འདི་ནི་ཁྱེད་ཀྱིས་དང་ལེན་བྱས་པའི་ཉིན་དེ་ནས་ནུས་པ་ཐོན་ཅིང་། ཁྱེད་ཀྱིས་ཞབས་ཞུ་འདི་བེད་སྤྱོད་པའི་བརྒྱུར་རིམ་ཁྲོད་གྲོས་མཐུན་དེ་མཚམས་མ་བྱས་བར་དུ་མུ་མཐུད་ནུས་པ་ཐོན་ངེས། གལ་ཏེ་ཁྱེད་ཀྱིས་དོན་དངོས་ཐོག་ཞབས་ཞུ་བེད་སྤྱོད་བྱེད་པའི་དུས་ཚོད་དེ་གྲོས་མཐུན་འདི་ཁྱེད་རང་གིས་དང་ལེན་བྱེད་པའི་དུས་ཚོད་ལས་སྔ་ཙམ་ཡིན་ན། ཁྱེད་རང་འདིར་ཤེས་པའམ་ཡང་ན་ངེས་པར་དུ་གྲོས་མཐུན་འདི་ཤེས་དགོས་པ་མ་ཟད། ཁྱེད་རང་གི་ཞབས་ཞུ་འདི་བེད་སྤྱོད་ཐེངས་དང་པོ་བྱེད་སྐབས་ནུས་པ་ཐོན་པ་དང་། གྲོས་མཐུན་འདི་གཞིར་བཟུང་སྔ་སྣུར་དུ་མཚམས་འཇོག་བྱས་ན་མ་གཏོགས།

11.2 བརྡ་ཐོ་གཏོང་བ།

ཞའོ་སྨི་ཐོ་ཨང་ཐོ་འགོད་བྱེད་སྐབས། ཁྱེད་ནས་དངོས་ཡོད་གོ་ཆོད་ཀྱི་འབྲེལ་གཏུག་ཐབས་ལམ་(གློག་རྡུལ་སྦྲག་སྒམ་གྱི་ས་གནས་དང་། ཁ་པར་ཨང་གྲངས་སོགས་ཚུད་)མཁོ་འདོན་བྱ་དགོས། འབྲེལ་གཏུག་ཐབས་ལམ་ལ་འགྱུར་བ་བྱུང་ཚེ། ཁྱེད་ཀྱིས་དུས་ཐོག་ཏུ་འབྲེལ་ཡོད་ཆ་འཕྲིན་ལ་བཟོ་བཅོས་བྱེད་པའི་འོས་འགན་ཡོད་ལ། འབྲེལ་གཏུག་ཐུབ་པའི་གནས་སྟངས་སུ་གནས་ཐུབ་པ་དགོས། ཞའོ་སྨི་ཡིས་གོང་བརྗོད་འབྲེལ་གཏུག་ཐབས་ལམ་ལས་གང་རུང་ཞིག་གམ་འགའ་ཞིག་བརྒྱུད་དེ་ཁྱེད་ལ་བརྡ་ཐོ་གཏོང་སྲིད། བརྡ་ཐོ་དེ་རིགས་ཀྱི་ནང་དོན་གྱིས་ཁྱེད་ཀྱི་འོས་འགན་དང་ཁེ་དབང་ལ་བཟང་ངན་གྱི་ནུས་པ་གང་རུང་ཐོན་སྲིད་པས། དུས་ཐོག་ཏུ་ཐུགས་སྣང་མཛད་དགོས། ཁྱེད་ཀྱིས་འདོན་སྤྲོད་བྱས་པའི་གློག་རྡུལ་སྦྲག་ཡིག་གི་ས་གནས་དང་ལག་ཁྱེར་ཁ་པར་གྱི་ཨང་གྲངས་བཀོལ་ཐབས་མེད་པའམ་ཡང་ན་རྒྱུ་རྐྱེན་གང་རུང་གི་དབང་གིས་ང་ཚོས་བརྡ་སྦྱོར་ཁྱེད་ལ་སྐྱེལ་ཐབས་བྲལ་བའི་ཉེན་ཁར་ཁྱེད་ཀྱིས་འགན་འཁུར་དགོས།

11.3 སྒེར་ཚུགས་རང་བཞིན།

གལ་ཏེ་གྲོས་ཆོད་འདིའི་ཁྲོད་ཀྱི་དོན་ཚན་གང་རུང་ཞིག་མེད་པར་བཟོས་པའམ་ཡང་ནུས་པ་མེད་པ། ལག་བསྟར་བྱེད་མི་ཆོག་པ་བཅས་སུ་གཏན་ཁེལ་ལམ་བརྩིས་པ་ཡིན་ན། དོན་ཚན་གཞན་དག་ལ་སྔར་བཞིན་བཅའ་ཁྲིམས་ཀྱི་ནུས་པ་ལྡན་པས། ཕྱོགས་གཉིས་ཀར་ཚོད་འཛིན་གྱི་ནུས་པ་ལྡན།

11.4 དབང་ཆ་དང་འགན་འཁྲི་ནང་བཤུག

ང་ཚོས་སྔོན་ལ་ཡིག་ཐོག་གི་ཆོག་མཆན་མ་ཐོབ་ན། ཁྱེད་རང་གིས་གཞན་ལ་ནང་བཤུག་གཏོང་པའམ་ཡང་ན་བྱ་ཐབས་གཞན་ལ་བརྟེན་ནས་གྲོས་ཆོད་འདིའི་འོག་གི་ཁྱེད་ཀྱི་དབང་ཆ་དང་འོས་འགན་གང་ཡང་སྤོ་སྒྱུར་བྱས་མི་ཆོག ཆོག་མཆན་མ་ཐོབ་པའི་བཤུག་སྤྲོད་དམ་ཡང་ན་སྤོ་སྒྱུར་གང་ཡིན་རུང་ཚང་མ་ནུས་པ་མེད་པར་བརྩི། ལས་སྒོ་རིམ་སྤར་རམ་ཡང་ན་གཉེར་སྐྱོང་བྱེད་པོར་འགྱུར་ལྡོག་བྱུང་བ་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས། ཞའོ་སྨི་ལ་གྲོས་མཐུན་འདིའི་འོག་གི་ཞའོ་སྨི་བཤུག་སྤྲོད་དང་ཁག་བགོས་འགན་ལེན། བརྗེ་རེས་བཅས་བྱེད་པའི་དབང་ཆ་དང་འོས་འགན་ཡོད།